བོད་ཡིག

Tibetan_line

༄། །བོད་ཕྲུག་ལས་འཆར་ཚོགས་པའི་ལོ་རྒྱུས།

ཕྱི་ ལོ་ ༡༩༩༩ ཟླ་བ་ ༨ ཚེས་ ༡༡ ཉིན། ཨ་རི་ནས་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོར་སྐྱབས་བཅོལ་དུ་ཡོང་བའི་བོད་མི་ ཉིས་ཤུ་རྩ་གཉིས་གཞུང་ཁང་ (shelter) དུ་སྡོད་སྐབས་ཚང་མར་ཡིད་སྐྱོ་བའི་སེམས་སྡུག་ནི། རང་ཉིད་ཀྱི་བླ་མ་དང་། ཕ་མ། བཟའ་ཟླ། སྤུན་གཉེན་སོགས་བྲལ་ནས་ལོ་མང་སོང་བ་དང་འགྲོ་བཞིན་པའི་ཁར། མང་ཆེ་བས་དབྱིན་སྐད་རང་སྐྱ་མི་འཕེར་བས། ཀྲོ་རོན་ཀྲོ་གྲོང་ཁྱེར་ནང་མི་ཚེ་ལྷག་མ་དེ་གནས་སྟངས་གང་འདྲ་ཞིག་གི་འོག་ སྐྱེལ་དགོས་མིན་གྱི་སེམས་ངལ་ཅི་ཆེར་ཡོད་པར་བརྟེན་འཕྲལ་གྱི་དཀའ་ངལ་སེལ་སླད་ སྐྱིད་སྡུག་ཅིག་བཙུགས། སྐབས་དེར་ཚོགས་མི་རེ་ནས་ཁེ་སྒོར་བཅོ་ལྔ་རེ་བསྡུས་ཏེ་ཁྲིམས་མཐུན་ཡིག་ཆ་རག་ ཐབས་ཆེད་འགྲོ་གྲོན་གཏོང་རྒྱུ་བྱས། དེ་རྗེས་ཁེ་ན་ཌ་རྒྱལ་ཁབ་ནང་སྐྱབས་བཅོལ་ལ་སླེབས་པ་ཡོད་ཚད་ལ་ཁྲིམས་མཐུན་ གྱིིས་ངོས་འཛིན་གཅིག་མཚུངས་ཐོག་ཉེར་མཁོའི་མཐུན་རྐྱེན་ནར་གཏོོང་གནང་བར་ བརྟེན་སྒེར་File_003གྱི་འཚོ་བའི་དཀའ་ངལ་མེད་པ་ཆགས།

ཕྱི་ལོ་ ༡༩༩༩ ཟླ་བ་ ༡༠ ཚེས་ ༡༥ ཉིན། བོད་མི་རིགས་ཀྱི་རིག་གཞུང་དང་། གོམས་གཤིས། ལ་རྒྱ་སོགས་རྩལ་ཆེའི་སྲོལ་རྒྱུན་མ་ཉམས་ཡུན་གནས་ཐུབ་ཐབས་སུ། སྐྱིད་སྡུག་ཕྱིར་བསྡུ་བྱས་ཏེ་སྤྱི་དངུལ་རིག་གཞུང་གི་མ་རྩར་བཞག་སྟེ། ཁེ་ན་ཌ་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་ཞེས་པའི་ཚོགས་པ་ཞིག་སྤྱི་མོས་ཀྱིས་ བཙུགས་ནས་རེ་གཟའ་སྤེན་པ་དང་ཉི་མ་གང་རུང་ལ་བོད་རིགས་ན་གཞོན་གང་ཙམ་ལ་བོད་ཀྱི་ གཞས་དང་ཞབས་བྲོ་སོགས་ཟློས་གར་སྦྱོང་བརྡར་བྱས་ཏེ་༧སྐུའི་འཁྲུངས་སྐར་གྱིས་ གཙོས་བོད་ཀྱི་དུས་ཆེན་ཁག་ལ་འཁྲབ་སྟོན་ཞུས། ལྷག་པར་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་རིག་གཞུང་བདུན་ཕྲག་ཅེས་པ་ལོ་ལྟར་ཚུགས་བཞིན་པའི་གོ་སྐབས་བཟུང་སྟེ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བའི་ཐོག་རིག་གཞུང་འཁྲབ་སྟོན་བྱས་པར་རྒྱ་མི་ མ་གཏོགས་ཚང་མས་བསྔགས་བརྗོད་ཆེན་པོ་ཐོབ། སྐབས་དེར་མཁོ་གནད་ཆེ་བའི་བོད་ཆོལ་ག་གསུམ་གྱི་ཆས་གོས་དང་། བཀྲ་ཤིས་ཞོལ་པ་དང་རྔོན་པའི་འཁྲབ་གོས། གཡག་ཆས་སོགས་ཟློས་གར་གྱི་འཁྲབ་ཆས་ཆ་ཚང་ཉོ་ཐུབ་པ་བྱུང་ཡོད།

tcpc-child

ལོ་དེའི་ ནང་༧གོང་ས་མཆོག་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གནས་སྡོད་བོད་མིར་བཀའ་ སློབ་གནང་དོན། བོད་མི་རང་ཉིད་ཀྱིས་གཞིས་ཆགས་ཁག་གི་ནང་འཐུང་ཆུ་དཀའ་ངལ་ཡོད་སར་འཐུང་ཆུ་རོགས་ རམ་དང་། སྨན་བཅོས་ཀྱི་མཐུན་རྐྱེན་མེད་སར་སྨན་བཅོས་མཐུན་འགྱུར་བྱེད་པ། རྒྱལ་བལ་འབྲུག་གསུམ་དུ་ཡོད་པའི་བོད་ཕྲུག་ཉམ་ཐག་དངོས་ཡོད་དཀའ་ངལ་ཅན་ལ་སློབ་ ཡོན་རོགས་ཕན་གང་ཡོང་ཐུབ་པ་བྱ་རྒྱུ། ཞེས་བཀའ་སློབ་ལམ་སྟོན་ཕེབས་པ་སྙིང་དབུས་སུ་བཅངས་ཏེ། ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་ཏི་རྫུ་་དར་རྒྱས་གླིང་གཞིས་ཆགས་ནས་ཉམ་ཐག་ སློབ་མ་བཅུ་བདམས་ཏེ་དམའ་རིམ་འཛིན་གྲྭ་ནས་མཐོ་རིམ་མམ་སློབ་མཐར་མ་ཕྱིན་བར་དུ་ སློབ་ཡོན་འབུལ་རྒྱུའི་དམ་བཅའ་བཞག་པ་བཞིན་སློབ་ཡོན་ཕུལ་དང་འབུལ་མུས་ཡིན།

image-13

ཕྱི་ ལོ་ ༢༠༠༨ ལོར་ཁེ་ན་ཌ་བོད་རིགས་སྤྱི་དོན་ཚོགས་པའམ་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཞེས་པར་རེ་གཟའ་སྤེན་པ་དང་ཉི་མ་གང་རུང་ལ་ནང་ཆོས་དང་། སྐད་ཡིག ཟློས་གར་སོགས་སྦྱོང་བརྡར་གནང་དང་གནང་མུས་ལ་བརྟེན། ཚོགས་པའི་ཟློས་གར་གྱི་ལས་གཞི་དགོས་གལ་མ་མཐོང་བས་ཧིན་སྒོར་འབུམ་གསུམ་ལྷག་ཙམ་ སྤྲད་པའི་འཁྲབ་ཆས་ཡོངས་རྫོགས་མ་སྐུལ་དང་བླངས་ཀྱིས་གངས་ལྗོངས་ཆོས་ལྡན་གླིང་ལ་ཕུལ་བ་མ་ཟད། ལོ་ངོ་བཅུ་ཕྲག་གཅིག་ཙམ་རིང་གོང་བཀོད་ལྟར་ཟློས་གར་གྱིས་ལམ་ནས་ཞབས་འདེགས་མི་ དམན་ཙམ་ཞུ་ཐུབ་པ་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཀྱང་ཡིན།

ཕྱི་ལོ་ ༢༠༡༡ ལོར་རང་གཞུང་ཤེས་རིག་ལས་ཁུངས་ལ་ཤེས་ཡོན་སློབ་ཡོན་སྐོར་བཀའ་སློབ་ཞུས་པར་སྐབསདེའི་སྐུ་ངོ་དྲུང་ཆེ་མཆོག་གིས། བོད་གཞུང་གིས་བལྟ་སྐྱོང་འོག་དམའ་འབྲིང་སློབ་མར་དཀའ་ངལ་དེ་ཙམ་ཕྲད་ཀྱི་མེད་ཅིང་། དངོས་ཡོད་དཀའ་ངལ་ཕྲད་ས་ནི་མཐོ་རིམ་སློབ་མ་རེད། དེ་དག་རོགས་པ་བྱེད་ཐུབ་ན་ཡག་ཤོས་རེད་ཅེས་གསུངས་པར་གཞིགས་ཏེ་ལོ་རེར་མཐོ་རིམ་ སློམ་མ་གཉིས་ལས་མ་ཉུང་བར་སློབ་ཡོན་འབུལ་རྒྱའི་གྲོས་ཆོད་བཞག་པ་བཞིན་ལག་ལེན་བསྟར་དང་སྟར་མུས་ཡིན། ཚོགས་པའི་དམིགས་ཡུལ་ལ་འགྱུར་བ་ཐེབས་པ་དང་ཆབས་ཅིག་མིང་ལའང་བསྒྱུར་བ་གཏོང་དགོས་བྱུང་བ་སྟེ། ཁེ་ན་ཌ་བོད་ཕྲུག་ལས་འཆར་ཚོགས་པ་ཞེས་ཐད་བསྒྱུར་ཞུས།

Team 2015

ཕྱི་ ལོ་ ༢༠༡༤ ལོར་༧སྐུའི་གྱ་སྟོན་ལ་སློམ་མ་ཉུང་མཐའ་བརྒྱད་ལ་སློབ་ཡོན་འབུལ་རྒྱུའི་འཆར་གཞི་སྟོན་པ་དང་ཆབས་ཅིག་ཚོགས་པའི་དམིགས་ཡུལ་ངོ་མ་ནི། བོད་པས་བོད་པར་རོགས་པ་བྱེད་པ་ཞེས་པ་ཡིན་པར་བརྟེན། དེའི་མིང་དཔྱངས་ཞིག་བཟོས་ཏེ་དཔལ་འབྱོར་བསྡུ་རུབ་ཀྱི་དུས་སྟོན་ཆེ་ཁག་དང་། ལྷག་པར་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བསྐོངས་ཚོགས་སྐབས་དཔྱངས་པས། བོད་མི་མང་པོ་ཞིག་གིས་བསྔགས་བརྗོད་གནང་བ་ཙམ་མ་ཡིན་པ་ཚོགས་མིར་འཛུལ་ཞུགས་གནང་བ་དང་། ལ་ལས་སྦྱིན་བདག་གནང་བ་སོགས་ཚོགས་མིའི་གྲངས་འབོར་ཇེ་མང་དུ་འགྲོ་འགོ་ཚུགས།

ཕྱི་ ལོ་ ༢༠༡༥འདི་ནི། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་དགུང་གྲངས་བརྒྱད་ཅུ་ཐམ་པར་ཕེབས་པའི་ སྐུའི་གྱ་སྟོན་ལ་བཀའ་དྲིན་གཏང་རག་མཚོན་བྱེད་དགུང་གྲངས་དང་མཉམ་པའི་སློབ་མར་སློབ་ཡོན་འབུལ་མ་ཐུབ་ཀྱང་། སྐུ་འཕྲེང་དང་མཉམ་པའི་བོད་ཕྲུག་ཉམ་ཐག་མཐོ་རིམ་སློབ་མར་སློབ་མཐར་མ་ཕྱིན་བར་ དུ་སློབ་ཡོན་འབུལ་རྒྱུ་གཏན་འཁེལ་ཟིན་པ་དང་། ཕྱོགས་མཚུངས་མངོན་དགའ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་མར་འབྲེལ་ཡོད་བཀའ་ཤག་གིས་རེ་སྐུལ་ལ་བརྩི་བཀུར་གྱིས་ལོ་ལྟར་ཧིན་སྒོར་ཁྲི་ལྔ་རེ་འབུལ་རྒྱུའི་གཏན་འབེབས་ཞུས།

ཚོོསག་པ་འདིའི་ཡིག་ཚང་ཨ་མ་ཁེ་ན་ཌ་ཀྲོ་རོན་ཀྲོར་ཡོད། དེའི་ཡན་ལག་རྒྱ་གར་ལྡི་ལི་དང་། ཁེ་ན་ཌ་ཀེ་ལེ་ཀ་རི། ཨ་རི་ནིའུ་ཡོག་བཅས་སུ་ཡོད། ཚོགས་པ་འདིར་ད་ལྟ་རྒྱུན་ལས་ཀྲོ་རོན་ཀྲོར་དགུ་དང་། ལྡི་ལིར་གཉིས། ཀེ་ལེ་ཀ་རིར་གཉིས། ནིའུ་ཡོག་ཏུ་གཅིག་བཅས་བཅུ་བཞི་ཡོད།།